༄༅། །རྒྱལ་བའི་སྲས་ཀྱི་ལག་ལེན་སོ་བདུན་མའི་འགྲེལ་ཆུང་གཞན་ཕན་འཇུག་སྒོ་ཞེས་བྱ་བཞུགས་སོ། །
རྩ་བ། རྒྱལ་སྲས་ཐོགས་མེད།
འགྲེལ་པ། སངས་རྒྱས་མཉན་པ།
བན་ཆེན་ལེགས་བཤད་རྒྱུན་སྐྱོང་ཁང་ནས་པར་དུ་སྐྲུན།
དཔེ་སྐྲུན་གསལ་བཤད།
༈ དོན་བརྒྱུད་བསྟན་པའི་སྲོག་ཤིང་༧སྐྱབས་རྗེ་རྡོར་སློབ་བསྟན་དགའ་རིན་པོ་ཆེ་མཆོག་༡༩༣༢ ལོར་ཟླ་བ་༦ པའི་ཚེས་༤ ཆོས་སྐོར་དུས་ཆེན་གྱི་ཉིན་མོར་སྐུ་འཁྲུངས་ཏེ་འཇམ་མགོན་པདྨ་དབང་མཆོག་རྒྱལ་པོ་མཆོག་གིས་བླ་མ་བསྟན་འཛིན་ཆོས་རྒྱལ་གྱི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་བཅུ་བཞིའི་ཐོག༧སྐྱབས་རྗེ་སངས་རྒྱས་མཉན་པ་བཤད་སྒྲུབ་བསྟན་པའི་ཉི་མ་མཆོག་གིས་དབུས་པའི་བན་ཆེན་འདུས་སྤྱི་ནས་གསེར་ཁྲིར་མངའ་གསོལ་མཛད། ཀྭན་ཏིང་ཏཱ་ཡི་སི་ཏུའི་སྐུ་མདུན་ནས་དགེ་ཚུལ་སློང་གི་སྡོམ་པ་ལེགས་པར་གསན།དེ་བཞིན་བཤད་སྒྲུབ་བསྟན་པའི་མངའ་བདག་སངས་རྒྱས་མཉན་པ་བཤད་སྒྲུབ་བསྟན་པའི་ཉི་མའི་སྐུ་མདུན་ནས་སྐྱབས་འགྲོའི་སྡོམ་པ་དང་བྱང་སྡོམ་ལེགས་པར་གསན་པས་ཐུགས་ལ་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་ཞིག་འཁྲུངས་སོང་ཞེས་རྗེ་ཉིད་ཀྱི་ཞལ་ནས་གསུངས། རྗེ་དེ་ཉིད་སྐུ་ན་ཕྲ་བའི་དུས་ནས་ཡོངས་འཛིན་མཁན་པོ་བཟོད་པ་མཐར་ཕྱིན་གཙོས་པའི་དགེ་བའི་བཤེས་གཉེན་དུ་མ་བསྟེན་ཏེ་རིག་པའི་གནས་ལྔ་ལ་སྦྱང་བརྩོན་གནང་བས་ཡོན་ཏན་གང་ལའང་མཁས།རྒྱལ་མཆོག་ཀརྨ་པ་སྐུ་གོང་འོག་གཉིས་རྩ་བའི་བླ་མར་བཟུང་སྟེ་ཐབས་ལམ་ནཱ་རོ་ཆོས་དྲུག་དང་གྲོལ་ལམ་ཕྱག་རྒྱ་ཆེན་པོ་སྒོམ་པ་ཉམས་སུ་ལེན་ཏེ་མཐར་ཕྱིན་པ་ནི་དོན་གཉིས་ལས་རང་དོན་སྒྲུབ་པའི་ཚུལ་རགས་རིམ་ཙམ་ཞིག་བཀོད་པ་ཡིན། དགུང་ལོ་སུམ་ཅུ་སོ་བདུན་ཐོག་བཀའ་བརྒྱུད་བསྟན་པའི་མངའ་བདག་དཔལ་༧རྒྱལ་དབང་རིག་པའི་རྡོ་རྗེ་མཆོག་གིས་རྡོ་རྗེ་སློབ་དཔོན་ཆེན་པོར་མངའ་གསོལ་མཛད་པ་ཙམ་དུ་མ་ཟད་དོན་གྱི་རྡོ་རྗེ་སློབ་དཔོན་ཡིན་ཞེས་བསྔགས་པ་ཡང་ཡང་མཛད་པ་ལྟར་རྗེ་ཉིད་ཀྱིས་ཀྱང་འགྲོ་མགོན་བཀའ་བརྒྱུད་པའི་ཕ་ཆོས་མར་ལུགས་རྒྱུད་སྡེ་བཅུ་གསུམ་གཙོས་པའི་རྒྱུད་སྡེ་ཀུན་གྱི་བསྐྱེད་རྫོགས་ལ་མཁས་པ་ནི་གཟུ་བོར་གནས་པའི་མཁས་པ་ཀུན་གྱི་སྤྱོད་ཡུལ་དུ་གྱུར་ཡོད།དེ་བཞིན་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་མཐོང་བ་བརྒྱུད་པའི་ཕྱག་ལེན་ཐམས་ཅད་ཚང་ལ་མ་ནོར་བ་མི་ཉམས་གོང་འཕེལ་ཉམས་པ་སོར་ཆུད་གནང་ཡོད་པ་དང༌།དེ་མཚུངས་རྗེ་ཉིད་ཀྱི་གདུལ་བྱ་ཤར་ནུབ་སེར་སྐྱ་ཕོ་མོ་ཇི་སྙེད་པ་ཀུན་ལ་རིས་སུ་མ་ཆད་པར་ཐུགས་བརྩེ་བ་ཆེན་པོས་འབྲལ་མེད་དུ་རྗེས་སུ་ཟིན་ཏེ་རྐྱེན་ངན་ཅི་ལ་ཐུག་ཀྱང་ལྟོ་གོས་ཆོས་གསུམ་གྱིས་བཀའ་དྲིན་ལྷོད་མེད་དུ་སྐྱངས་པ་སོགས་ཁོང་གི་གཞན་དོན་མཛད་པའི་ཚུལ་ནི་རྒྱ་མཚོ་ལྟ་བུར་བཞུགས་པ་ལས་ཆུ་ཐིགས་ཙམ་ཞིག་བརྗོད་པ་ཡིན། མདོར་ན་དོན་གཉིས་མཐར་ཕྱིན་པའི་སྐྱེས་ཆེན་དམ་པ་ཉིད་ཀྱི་མཛད་པ་ཕྲིན་ལས་ཀུན་གྱི་ནང་ནས་ལྟེ་བ་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡིན་པས་རྗེ་ཉིད་ཀྱི་གསུང་བྱིན་རླབས་ཅན་ཇི་སྙེད་པ་ཐམས་ཅད་ཡི་གེར་ཕབ་ན་བསྟན་འགྲོའི་མགོན་དཔུང་དུ་འགྲོ་ངེས་པས།ཕྱི་ལོ ༡༩༩༩ ལོར་ཕྱི་རྒྱལ་མི་རིགས་དུ་མ་ཞིག་གིས་ཕྱག་ཆེན་སྨོན་ལམ་གྱི་ཁྲིད་གནང་བར་གསོལ་བ་བཏབ་པ་བཞིན་ཐུགས་བརྩེ་བ་ཆེན་པོས་ཟླ་བ་༣ནང་སི་ཏུ་པཎྜི་ཏཱའི་འགྲེལ་པ་གཞིར་བྱས་ཏེ་བཀའ་ཆོས་ཟབ་ལ་ཉམས་སུ་བླང་བདེ་བ་ཞིག་གསུངས་པ་དེ་ཡི་གེར་ཕབ་སྟེ་པར་སྐྲུན་ཞུས་པ་ལགས་ན་དད་ལྡན་ཀུན་ལ་ཕན་པའི་རེ་བ་བཅས་བན་ཆེན་ལེགས་བཤད་རྒྱུན་སྐྱོང་ཁང་ནས་སྤྱི་ལོ་༢༠༡༤ ཟླ་བ་༢ ཚེས་ ༢༤ ཉིན། །
༈ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བཀའ་དྲིན་མཚུངས་པ་མེད་པའི་གཏེར་ཆེན་དཔལ་མགོན་བླ་མ་དམ་པའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་བཏུད་དེ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་རླབས་པར་མཛད་དུ་གསོལ།
དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །
བདག་གི་སྤྱི་བོར་པདྨའི་གདན་བཞུགས་ལ། །
བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་ཏེ། །
སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །
གང་དག་ཕྱོགས་བཅུའི་སྟོང་གི་འཇིག་རྟེན་ན། །
བདེ་གཤེགས་སློབ་མར་གྱུར་པ་གང་སུ་དག །
དེང་འདིར་སྟོན་པས་ཆོས་ཀྱི་ཆར་འབེབས་ཀྱི། །
ཉན་པར་འདོད་པ་ཐམས་ཅད་འདིར་གཤེགས་ཤིག །
དེ་ལྟ་བུའི་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་སྒོ་ནས་ཕྱག་རྒྱ་ཆེན་པོའི་ཁྲིད་ཞུས། ཕྱག་རྒྱ་ཆེན་པོའི་ཉམས་ལེན་བྱེད་པའི་གོ་སྐབས་ཐོབ་པ་འདི་ཤིན་ཏུ་སྐལ་བ་བཟང་པོ་ཞིག་ཡིན། ཐོག་མར་ངས་རང་གི་རྩ་བའི་བླ་མ་ལ་གསོལ་བ་བཏབ་ནས། ངས་ཕྱག་རྒྱ་ཆེན་པོའི་ཁྲིད་བཤད་པ་དེ་ལ་བརྟེན་ནས་ཁྱེད་ཅག་སློབ་ཚོགས་རྣམས་ཕྱག་རྒྱ་ཆེན་པོའི་དོན་མངོན་དུ་གྱུར་ཏེ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་ཐར་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་སྨོན་འདུན་དང་ཀུན་སློང་དེ་འདྲ་བཅོས་ཡོད། ཁྱེད་རང་ཚོས་ཀྱང་མར་གྱུར་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ཅན་ཡིན་པ་དང་འཁོར་བའི་སྡུག་བསྔལ་གྱིས་མནར་བཞིན་ཡོད་པའི་སེམས་ཅན་དེ་དག་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་དགོད་པར་བྱ་བའི་ཆེད་དུ་རང་ཉིད་ཀྱིས་ཕྱག་རྒྱ་ཆེན་པོའི་ཁྲིད་ཞུ་བ་ཡིན་བསམས་ཏེ་ཀུན་སློང་ཡང་དག་པར་བཅོས་དགོས་པ་ཤིན་ཏུ་ནས་ཀྱང་གལ་ཆེའོ།
དེ་ལ་བྱང་ཆུབ་སེམས་དཔའི་སྤྱན་ལྔ་ནི། ཤའི་མིག་དང༌། ལྷའི་མིག་དང༌། ཤེས་རབ་ཀྱི་སྤྱན་དང༌། ཆོས་ཀྱི་སྤྱན་དང༌། སངས་རྒྱས་ཀྱི་སྤྱན་རྣམས་ཏེ། མདོ་ལས། བྱང་ཆུབ་སེམས་དཔའ་ཤའི་མིག་གིས་དཔག་ཚད་བརྒྱ་མཐོང་བ་ཡོད་དོ་སོགས་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་དོ། །དེ་ལ་དང་པོ་ནི། ཞེས་གསུངས་པ་ལྟར།
སྲིད་པའི་མ་རྣམས་སྡུག་བསྔལ་རྒྱ་མཚོ་ལས། །
བཏོན་ཏེ་ཐར་པའི་སྐམ་སར་འཇོག་པ་ཡི། །
ཕྲིན་ལས་དུས་གསུམ་རྒྱལ་བས་མི་བསྒྲུན་པའི། །
འཇིག་རྟེན་དབང་ཕྱུག་ཀརྨ་པ་ལ་འདུད། །
ཆོས་རྣམས་ཐམས་ཅད་རྐྱེན་བཞིན་དུ། །
འདུན་པའི་རྩེ་ལ་རབ་ཏུ་གནས། །
གང་གིས་སྨོན་ལམ་ཅི་བཏབ་པ། །
འབྲས་བུ་དེ་འདྲ་ཁོ་ནར་སྨིན། །
དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཀྱང་༔ སློབ་དཔོན་ཉིད་ལ་སོགས་པའི་རྒྱ་གར་གྱི་པཎྜི་ཏ་མང་པོ་གདན་དྲངས༔ དཔལ་གྱི་བསམ་ཡས་ལ་སོགས་པའི་གཙུག་ལག་ཁང་མང་པོ་བཞེངས༔ ཆོས་ཁྲིམས་བཅས་པས་བོད་བདེ་ལེགས་སུ་བཀོད་པ་ཤིན་ཏུ་བཀའ་དྲིན་ཆེ་སྟེ༔ ད་རྒྱལ་པོ་ནི་དགུང་དུ་གཤེགས༔ སློབ་དཔོན་ཉིད་ནི་རྒྱ་གར་དུ་བཞུད༔ བོད་མུན་པ་དང་འདྲ་བ་མཐོ་རིས་དང་ཐར་པའི་སྣང་བ་དང་བྲལ་ནས་ཐམས་ཅད་ངན་སོང་གི་གནས་སུ་བཏང་ན་ཧ་ཅང་ཡང་སྙིང་ཁམས་ཆེ་བས༔ དེའི་ཕྱིར་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་བོད་ཁ་བ་ཅན་སྤྱི་མཐུན་གྱི་ལྷར་ཞལ་གྱིས་བཞེས་ཤིང་ཁོང་གིས་འདུལ་བའི་ཞིང་ཁམས་སུ་གདའ་བས༔ དེས་ན་སློབ་དཔོན་གྱིས་ཐུགས་རྗེ་ཆེན་པོའི་གདམས་པ་འགྲོ་བ་རིགས་དྲུག་གི་སྐྱེ་སྒོ་གཅད་ནས༔ རྫོགས་པའི་སངས་རྒྱས་ཀྱི་ཤུལ་སར་འདྲེན་པའི་གདམས་ངག་ཐུགས་ལ་འདོགས་པར་ཞུ་འཚལ་ཞེས་ཞུས་པས༔
དང་པོ་ལ་རྟེན་དཔང་དུ་གསོལ་བ་ནི།
ན་མོ་གུ་རུ།
བླ་མ་རྣམས་དང་ཡིད་དམ་དཀྱིལ་འཁོར་ལྷ། །
ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་དང་བཅས། །
བདག་ལ་བརྩེར་དགོངས་བདག་གི་སྨོན་ལམ་རྣམས། །
ཇི་བཞིན་འགྲུབ་པའི་མཐུན་འགྱུར་བྱིན་བརླབས་མཛོད། །ཅེས་གསུངས་ཏེ།
ན་མོ་གུ་རུ་ཞེས་པ་ནི་བླ་མ་ལ་ཕྱག་འཚལ་ལོ་ཞེས་པ་སྟེ། རྗེ་རང་བྱུང་རྡོ་རྗེས་ཁོང་གི་རྩ་བའི་བླ་མ་དང༌། དེ་བཞིན་དུ་བརྒྱུད་པའི་བླ་མ་རྣམས་དང་རྒྱུད་སྡེ་བཞིའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་དང༌། ཕྱོགས་བཅུ་ནི། ཕྱོགས་བཞི་དང་དེ་དག་གི་མཚམས་བཞི་དང་སྟེང་འོག་གཉིས་ཏེ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དུས་གསུམ་སྟེ། འདས་མ་འོངས་ད་ལྟ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང༌། དེ་མཚུངས་དེ་བཞིན་གཤེགས་པའི་ཐུགས་ཀྱི་སྲས་བྱང་ཆུབ་སེམས་དཔའ་དང་གསུང་གི་སྲས་ཉན་རང་རྣམས། བདག་ལ་ཐུགས་བརྩེ་བ་ཆེན་པོས་དགོངས་ནས་བདག་གིས་སྨོན་ལམ་ཇི་ལྟར་བཏབ་པ་བཞིན་དུ་འགྲུབ་པའི་བྱིན་རླབས་སྩོལ་བར་མཛད་དུ་གསོལ་ཞེས་གསུངས་པའོ།
༈ རྡོ་རྗེ་འཆང་ཆེན་མཁྱེན་པའི་མཁའ་དབྱིངས་ལ། །ཏིལླི་པ་ནི་རྟོགས་པའི་དཀྱིལ་འཁོར་རྒྱས། །ནཱ་རོ་པཎ་ཆེན་ཐུགས་རྗེའི་འོད་ཟེར་འཕྲོ། །བརྒྱུད་པ་མ་རིག་མུན་སེལ་གསུམ་ལ་འདུད། །མར་པ་ལོ་ཙཱ་ཆོས་ཀྱི་རྒྱ་མཚོ་ལ། །བཞད་པ་རྡོ་རྗེ་ཡིད་བཞིན་ནོར་བུ་བརྙེས། །ཟླ་འོད་གཞོན་ནུ་དགོས་འདོད་རེ་བ་སྐོང༌། །བརྒྱུད་པ་དངོས་གྲུབ་མཆོག་སྟེར་གསུམ་ལ་འདུད། །འགྲོ་མགོན་རིན་ཆེན་བྱང་ཆུབ་ལྗོན་ཤིང་ལ། །གླིང་ཆེན་རས་པ་ལྷག་བསམ་ལོ་འདབ་རྒྱས། །དཔལ་ལྡན་འབྲུག་པ་ཕྲིན་ལས་འབྲས་བུ་སྨིན། །བརྒྱུད་པ་དུག་གསུམ་ནད་སེལ་གསུམ་ལ་འདུད། །སངས་རྒྱས་དབོན་རས་ཕུན་ཚོགས་གངས་རི་ལ། །སེང་གེའི་མཚན་ཅན་དམ་ཆོས་བདུད་རྩིའི་རྒྱུན། །ཆོས་རྗེ་ཁུ་དབོན་ཟབ་དོན་མྱུ་གུ་འཁྲུངས། །བརྒྱུད་པ་དགོས་འདོད་ཀུན་འབྱུང་གསུམ་ལ་འདུད། །བཀའ་བརྒྱུད་ཀུན་གྱི་གཙུག་རྒྱན་སྒམ་པོ་པ། །སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་ཙ་རི་བ༑ །དོན་བརྒྱུད་གདམས་པའི་མངའ་བདག་འབྲུག་པའི་ཞབས། །རྣམ་གསུམ་དབྱེར་མེད་ཆོསརྗེའི་ཞབས་ལ་འདུད། །དབྱིངས་དང་ཡེ་ཤེས་དག་པའི་སྐུ། །འགག་པ་མེད་པ་གསུང་གི་མཆོག །འཁྲུལ་པ་མེད་པ་ཡེ་ཤེས་ཐུགས། །བླ་མའི་སྐུ་གསུང་ཐུགས་ལ་འདུད། །ཀུན་ཁྱབ་ནམ་མཁའི་རྣལ་འབྱོར་པ། །ཕྱོགས་བྲལ་བདེ་བ་ཆེན་པོའི་ཀློང༌། །ལྷུན་གྲུབ་འདུས་མ་བྱས་པའི་དབྱིངས། །ཀུན་མཁྱེན་འབྲུག་པའི་ཞབས་ལ་འདུད། །བདག་ནི་ཚེ་རབས་ཐམས་ཅད་དུ། །དམ་པ་ཁྱེད་དང་མི་འབྲལ་ཞིང༌། །ཁྱེད་གསུང་དམ་ཆོས་བདུད་རྩིའི་རོས། །རྣམ་པ་ཀུན་ཏུ་འཚོ་བར་ཤོག །རྒྱལ་བས་བསྔགས་པའི་གནས་རྣམས་སུ། །ཚེ་འདིའི་བྱ་བ་བློས་བཏང་ནས། །དོན་དམ་ཆོས་སྐུའི་བླ་མ་དང༌། །ནམ་ཡང་འབྲལ་བ་མེད་པར་ཤོག །རང་དོན་ཞི་བདེའི་བློ་སྤངས་ནས། །མཁའ་དང་མཉམ་པའི་འགྲོ་བ་རྣམས། །བདག་གི་བརྩེ་བས་རྗེས་བཟུང་ནས། །ཐར་པའི་ལམ་ལ་འགོད་པར་ཤོག །ཅེས་པ་འདི་ནི་རྒྱལ་དབང་རྗེས་མཛད་པའོ།། །།
གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུ་ནི། གཉིས་པ་འཁོར་བར་འཁོར་ཚུལ་ནི། ཤེར་ཕྱིན་མངོན་རྟོགས་རྒྱན་ལས།
